2841

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐལ་མོ་བཅར་ལེབ
Tibetan Definition (འདུལ་བ) ཁོང་སྟོང་མིན་པར་ལག་མཐིལ་གཉིས་སྦྱར་བའི་ཐལ་མོ། འདི་མུ་སྟེགས་པའི་ཐལ་མོ་སྦྱོར་ཚུལ་ཡིན། རང་རེས་ནང་པ་སངས་རྒྱས་པས་ཐལ་མོ་ཁོང་སྟོང་ལ་མཐེ་བོང་ནང་དུ་བཅུག་པའི་ནོར་བུའི་དབྱིབས་ལྟ་བུ་བྱེད་དགོས། ཅར་ལེབ་ཀྱང་སྣང་ངོ་། །མཚོ་ཊཱིཀ་ལས། ཐལ་མོ་ཁོང་སྟོང་དུ་སྦྱར་བ་ནི་ཆོས་འདི་པའི་ལུགས་དང་། ཐལ་མོ་ཅར་ལེབ་ཏུ་སྦྱར་བ་ནི་མུ་སྟེགས་པའི་ལུགས་ཡིན་ནོ་ཞེས་པུཎྱ་ཤྲཱི་ (སུཎྱ་ཤྲཱི་ཡིན་ནམ་དཔྱད) གསུང་ངོ་། །ཞེས་གསུངས་སོ། །