From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དཀའ་གནད་བརྒྱད
|
Tibetan Definition
|
(དབུ་མ) ཀུན་གཞི་དང༌། རང་རིག རང་རྒྱུད་ཀྱི་རྟགས་ཞལ་གྱིས་མི་བཞེད་པ་གསུམ། ཕྱི་དོན་དང༌། ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པ། ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་འཇོག་པ། ཞིག་པ་དངོས་པོ་ཡིན་པ། དེའི་རྒྱུ་མཚན་གྱིས་དུས་གསུམ་གྱི་འཇོག་ཚུལ་ཐུན་མོང་མ་ཡིན་པ་རྣམས་སོ། །དཀའ་གནད་བརྒྱད་གྲངས་འདྲེན་ཚུལ་མི་འདྲ་བ་ཡོད་ཀྱང་འདི་ནི་རྗེ་ཙོང་ཁ་པ་ཆེན་པོའི་འཇུག་པའི་རྣམ་བཤད་ཆེན་མོར་གསུངས་པ་ལྟར་རོ། །
|