2848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐལ་སྐད
Tibetan Definition 2 མཚན་ཉིད་ཀྱི་རྩོད་གྲྭའི་སྐབས་ལག་པ་བརྡབས་པའི་སྒྲ་སྐད། རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། ཆོས་སྤྱོད་ཀྱི་གདངས་དང་ཐལ་སྐད་ཀྱི་སྒྲ་ཐོས་ཚེ་སྙིང་ཁོང་བདེ་སང་སང་ཡོང་བའི་ཆོས་པའི་ཡང་རྩེར་ཡོད་དོ། །ཞེས་པ་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། ཐལ་སྐད་ཀྱི་འགྲེལ་བཤད་ལ། ཆོས་ཀྱི་རྩོད་པ་བྱེད་པའི་ཐོག་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ས་བོན་དྷཱི་ཡིག་སྐད་མཐོན་པོར་སྒྲོག་པའི་སྐད། ཅེས་གསུངས་འདུག་ཀྱང༌། ཐལ་སྐད་ནི་རྩོད་གྲྭའི་སྐབས་ཐལ་མོ་བརྡབས་པ་སྤྱིའི་མིང་ཡིན་པས། དེ་ཐལ་སྐད་ཀྱི་འགྲེལ་བཤད་དུ་བྱས་ན་ཁྱབ་ཆུངས་པས་སྐྱོན་ཡོད་ཅིང༌། འོན་ཀྱང་དེ་དྷཱི་སྐད་ཀྱི་འགྲེལ་བཤད་དུ་བྱས་ན་འགྲིག་པར་སྣང་ངོ༌། །མདོར་ན་ཐལ་སྐད་དང་དྷཱི་སྐད་གཉིས་སྤྱི་བྱེ་བྲག་ཡིན་པས་ཁྱད་པར་ཕྱེད་པར་བྱའོ། །