2868

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུ་མིའི་ཡིག་ཕུད
Tibetan Definition ཐུ་མི་སཾ་བྷོ་ཊས་བོད་ཡིག་ཐོག་མར་བརྩམས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོར་དབྱངས་ཡིག་ངེས་པ་བྱ་དཀའ་བའི་སྒྲ་རྒྱན་དུ་སྦྱར་ནས་བསྟོད་ཚིག་གི་ཡིག་ཕུད་ཕུལ་བ་ནི། ཞལ་རས་གསལ་ལ་རང་མདངས་གང་བ་བཟང༌། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང༌། །ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་སྟེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག །དུག་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས། ། སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཅེས་ཕུལ་བ་རབ་ཏུ་དགྱེས་པའི་བྱ་དགའ་བསྩལ་བའི་ལོ་རྒྱུས་འདུག ཐུ་མིའི་ཡིག་ཕུད་འདི་འབུར་སྟོང་ཇེན་ཁོག་སྣང་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་སྐད། ཅེས་མཁས་པའི་དགའ་སྟོན་དུ་གསལ་བ་ལྟར་བཀོད།