2874

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུ་ལུམ
Tibetan Definition གོང་བུའི་མིང་། དཔེར་ན་ལྕགས་ཀྱི་གོང་བུ་ལ། ལྕགས་ཀྱི་ཐུ་ལུམ་ཟེར་བ་ལྟ་བུ། ཐོ་ལུམ་ཞེས་ཀྱང་ཟེར། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༣༠༥ན༤ན། ལྕགས་ཀྱི་ཐོ་ལུམ་ཞེས་ཀྱང་བྲིས་སྣང་ངོ་། །རྗེའི་ལམ་རིམ་ཆེན་མོ་ལས། བཀྲེས་སོ་སྐོམ་མོ་ཟེར་བ་ན་ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་བ་ཁར་འཇུག་ཅིང་ཟངས་བསྐོལ་བ་ཁར་ལྡུགས་སོ། །ཞེས་གསུངས་པ་ལྟར་རོ། །བསྟན་པ་ལྷ་རམས་པས། ཐུ་ལུམ་ནི་སྒོང་བའམ་གོང་བུར་སྒྲིལ་བའི་མིང་དུ་བཤད་ཅིང་། ཐུ་ལུམ་དང་ཐོང་ལྕགས་གཉིས་རྣམ་གྲངས་སུ་བཤད་པའང་སྣང་། ཞེས་ཀྱང་གསུངས་སོ། །