From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐུགས་དམ་ཚིག་གི་ཕྱག་རྒྱ
|
Tibetan Definition
|
(གསང་སྔགས) ཕྱག་རྒྱ་བཞིའི་ཡ་གྱལ་ཏེ། ཧཱུྃ་ཡིག་ལ་སོགས་པ་སྔགས་ཀྱི་ཡིག་འབྲུ་རྣམས་ལ་གསུང་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་ལ་དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་དུ་གསལ་བ་ལ་ཐུགས་དམ་ཚིག་གི་ཕྱག་རྒྱ་ཟེར། ཡང་ན་ཀློང་རྡོལ་བླ་མས། སྣང་ཕྱོགས་ལྷ་ཡི་འཁོར་ལོ་ཐབས་དང་ནི། །སྟོང་ཕྱོགས་ཤེས་རབ་ཤིན་སྦྱངས་བདེ་བས་སྤེལ། །སྣང་སྟོང་གཉིས་ཚོགས་ཟབ་གསལ་ཡེ་ཤེས་ལ། །དེ་ལ་ཐུགས་ནི་དམ་ཚིག་ཕྱག་རྒྱ་ཟེར། །ཞེས་ཀྱང་གསུངས་སོ། །འདི་ལ་དམ་ཚིག་གི་ཕྱག་རྒྱ་ཞེས་ཀྱང་ཟེར།
|