2922

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་བཞིའི་སྦྱོར་བ
Tibetan Definition (གསང་སྔགས) ཐུན་བཞིའི་རྣལ་འབྱོར། རྗེའི་གསང་འདུས་སྨོན་ལམ་ལས། ཐུན་བཞིའི་སྦྱོར་བ་བསྙེན་བསྒྲུབ་ཡན་ལག་བཞི། །རིམ་པ་དང་པོའི་རགས་དང་ཕྲ་བའི་ལམ། །མ་ལུས་ཤིན་ཏུ་བརྟན་པ་རྙེད་ནས་ནི། །གང་སྣང་ལྷ་ཡི་འཁོར་ལོར་འཆར་བར་ཤོག །ཅེས་གསུངས་པ་ལྟར་རོ། །སྦྱོར་བ་དང་རྣལ་འབྱོར་ཞེས་པ་གཉིས་འདིར་དོན་འདྲ་བ་ཡིན། རྣམ་རྫོགས་སྦྱོར་བ་ཞེས་པའི་སྦྱོར་བ་ནི། རྣལ་འབྱོར་ལ་ཟེར་བ་བཞིན་ནོ། །སྦྱོར་ཞེས་པ་ནི་ཞི་ལྷག་ཟུང་དུ་འབྲེལ་བའི་དོན་སྟོན་པའོ། །ཞེས་གསུངས་པ་ལྟར་རོ། །