2930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་ཤེས་རྣམ་སུམ་ཅུ་རྩ་དགུ
Tibetan Definition (ཕར་ཕྱིན) སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་རིག་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་རྣམས་སུ་ཡོད་པའི་ཕྱིར། སྟོབས་བཅུ་ཡོད་དེ། གནས་དང་གནས་མིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་སྟོབས། ཁམས་སྣ་ཚོགས་སྟོབས། དབང་པོ་མཆོག་དང་མཆོག་མིན་པ་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་སྟོབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པ་སྟོབས། འཆི་འཕོ་བ་དང་སྐྱེ་བ་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སུ་ཡོད་པའི་ཕྱིར། མི་འཇིགས་པ་བཞི་ཡོད་དེ། རང་དོན་སྤངས་པ་དམ་བཅས་པ་ལ་མི་འཇིགས་པ། རྟོགས་པ་དམ་བཅས་པ་ལ་མི་འཇིགས་པ། གཞན་དོན་སྤང་བྱ་དམ་བཅས་པ་ལ་མི་འཇིགས་པ། གཉེན་པོ་དམ་བཅས་པ་ལ་མི་འཇིགས་པ་རྣམས་སུ་ཡོད་པའི་ཕྱིར། སོ་སོ་ཡང་དག་རིག་པ་བཞི་ཡོད་དེ། ཆོས་སོ་སོ་ཡང་དག་རིག་པ། དོན་སོ་སོ་སྟོབས། ངེས་པའི་ཚིག་སོ་སོ་སྟོབས། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་སུ་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་དེ། སྐུའི་སྤྱོད་པ་འཁྲུལ་པ་མི་མངའ་བ། གསུང་ཅ་ཅོ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། ཐུགས་མཉམ་པར་མ་གཞག་པ་མི་མངའ་བ། ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ། སོ་སོར་མ་བཏགས་པའི་བཏང་སྙོམས་མི་མངའ་བ་སྟེ། སྤྱོད་པ་མ་འདྲེས་པ་དྲུག། འདུན་པ་ཉམས་པ་མི་མངའ་བ། བརྩོན་འགྲུས་ཉམས་པ་མི་མངའ་བ། དྲན་པ་ཉམས་པ་མི་མངའ་བ། ཏེང་ངེ་འཛིན་ཉམས་པ་མི་མངའ་བ། ཤེས་རབ་ཉམས་པ་མི་མངའ་བ། རྣམ་པར་འགྲོལ་བ་ཉམས་པ་མི་མངའ་བ་སྟེ། རྟོགས་པ་མ་འདྲེས་པ་དྲུག །སྐུའི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། གསུང་གི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ཐུགས་ཀྱི་འཕྲིན་ལས་རྣམས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། འཕྲིན་ལས་མ་འདྲེས་པ་གསུམ། འདས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས། མ་འོངས་པ་ལ་མ་ཆགས་མ་ཐོགས་པའི་ཡེ་ཞེས། ད་ལྟ་བ་ལ་མ་ཆགས་མཐོགས་པའི་ཡེ་ཤེས་ཏེ། ཡེ་ཤེས་མ་འདྲེས་པ་གསུམ་རྣམས་སོ། །