From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐུན་ཚོད་དུ་རུང་བའི་སྨན
|
Tibetan Definition
|
(འདུལ་བ) སྨན་བཞིའི་ཡ་གྱལ་ཏེ། རྒྱུ་དུས་རུང༌། སྨན་ཞག་བདུན་པ། འཚོ་བཅང་གི་སྨན་ལས་བྱུང་བའི་ཁུ་བ་ཤིན་ཏུ་སླ་བ་རྣམས་སོ། །དཔེར་ན་དུས་རུང་ལས་བྱུང་བ། རྩམ་ཐང་ཤིན་ཏུ་སླ་བ་ལྟ་བུ། སྨན་ཞག་བདུན་པ་ལས་བྱུང་བ། བུ་རམ་གྱི་ཁུ་བ་ཤིན་ཏུ་སླ་བ་ལྟ་བུ། འཚོ་བཅང་གི་སྨན་ལས་བྱུང་བ། ཨ་རུ་བ་རུ་སྐྱུ་རུ་གསུམ་གྱི་ཁུ་བ་ཤིན་ཏུ་སླ་བ་རྣམས་ལྟ་བུའོ། །སྒྲ་བཤད་ནི། དེ་དག་ལས་འགའ་ཞིག་ནི་ཉིན་རེའི་ཐུན་ཚོད་ཀྱི་མཐའ་རྒྱུ་སྐར་འཆར་ལ་མངོན་དུ་ཕྱོགས་པའི་དུས་ཚུན་དང༌། འགའ་ཞིག་ནི་མཚན་མོའི་ཐུན་ཐ་མ་སྐྱ་རེངས་འཆར་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ཚུན་ཆད་དུ་ལོངས་སྤྱོད་དུ་རུང་གི། དེ་ལས་འདས་ན་མི་རུང་བས་དེ་སྐད་ཅེས་བྱ། དེ་ལ་སྨན་ཞེས་བརྗོད་པ་ནི། དེ་དག་གིས་སྐོམ་ནད་སེལ་བར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བཏགས་སོ། །
|