From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་ཞེས་སོགས
|
Tibetan Definition
|
ཚིགས་བཅད་འདི། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པའི་གཞུང་ཚིག་ཡིན་ཏེ། མཆིམས་མཛོད་དེབ་གཟུགས་ཤོག་གྲངས་༨ལས། ཆེད་དུ་བརྗོད་པའི་ཚོམས་ལས། སྲེད་པའི་ཟུག་རྔུ་གཅོད་མཛད་པའི། །ལམ་ནི་ཁྱོད་ལ་ངས་བསྟན་བྱ། །ཁྱེད་ཉིད་ཀྱིས་ནི་བསྒྲུབ་བྱ་སྟེ། །དེ་བཞིན་གཤེགས་པ་སྟོན་མཛད་ཡིན། ཞེས་གསུངས་པ་དང་། དེའི་འགྲེལ་པར། ཐུབ་རྣམས་སྡིག་པ་ཆུ་ཡིས་འཁྲུ་བར་མི་མཛད་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཀྱང་ནི་སེལ་མི་མཛད། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བས་མ་ཡིན་ཏེ། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་མཛད་པ་ཡིན། ཞེས་བྱ་བ་དང་། ཞེས་གསུངས་སོ། །ཡང་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་དགའ་ལྷའི་འཁྲིད་ཡིག་ཏུ། འདི་ཚོམས་ཀྱི་གཞུང་ཚིག་ཡིན་པར་བཤད། ཁོ་བོས་ཆེད་དུ་བརྗོད་པའི་ཚོམས་ཡང་ཡང་བཀླགས་ཀྱང་ཚིག་འདི་རྙེད་མ་སོང་།
|