2950
Jump to navigation
Jump to search
| ཐུར་སེལ | |
| Tibetan Definition | (གསང་སྔགས) རྩ་བའི་རླུང་ལྔའི་ཡ་གྱལ་ཏེ། འདོམས་སམ་གསང་གནས་ལ་གནས་ཤིང༌། བྱེད་ལས་བཤང་གཅི་ཁུ་ཁྲག་སོགས་འཕེན་འཛིན་བྱེད་པའི་རླུང་ཞིག ཁ་དོག་ནི་སེར་པོ་ཡིན་པར་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་ཞིང༌། ཐུར་སེལ་ལྟེ་བ་ནས་བཤང་ལམ་དང་རྟགས་ཀྱི་རྩེ་མོའི་བར་དུ་འབྱུང་འཇུག་བྱེད་པར་གསུང་ངོ༌། །སྒྲ་བཤད་ནི། བཤང་གཅི་ཁུ་ཁྲག་སོགས་ཐུར་དུ་སེལ་བའམ་འཕེན་པར་བྱེད་པས་ན་ཐུར་སེལ་ཞེས་བྱའོ། ། |
|---|---|