298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྲྀ་ཀྲྀ
Tibetan Definition (ལེགས་སྦྱར) བསྐལ་བཟང་སངས་རྒྱས་སྟོང་གི་གསུམ་པ་སངས་རྒྱས་འོད་སྲུང་གི་སྐབས་ཀྱི་རྒྱལ་པོ་ཞིག །འདི་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྐྱེ་བ་སྔ་མ་ཞིག་ཀྱང་ཡིན་ཏེ། འདུལ་བ་ལུང་གཞི་༼ ང་པ ༽ལས། དེའི་ཚེ་དེའི་དུས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་འཁོར་དང་བཅས་པ་གང་ཡིན་པ་དེ་ནི། དེའི་ཚེ་དེའི་དུས་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་འདི་ཉིད་ཡིན་ཏེ། ཞེས་གསུངས་སོ། །སངས་རྒྱས་འོད་སྲུང་གི་སྦྱིན་བདག་ཀྱང་ཡིན། གཽ་ཏ་མའམ་ཤཱཀྱའི་རིགས་རྒྱུད་འདི་ཡང་རྒྱལ་པོ་ཀྲྀ་ཀྲྀའི་རྒྱལ་རྒྱུད་ཡིན་པར། འདུལ་བ་ལུང་གཞི་ལས་གསུངས་ཡོད། འདུལ་བ་ལུང་གཞི་ལས་འདི་ལ་ཀྲྀ་ཀཱི་ཞེས་བྲིས་ཡོད་དོ། །བརྗོད་པའི་ཚེ། ཀྲྀ་ཀྲྀ་ལ། ཀིར་ཀིར་དང་། ཀྲྀ་ཀཱི་ལ། ཀིར་ཀཱི་ཞེས་པ་ལྟ་བུར་བརྗོད་དགོས། ཀྲི་ཀྲི་ཞེས་བྲིས་པའང་སྣང་ངོ་། །