3021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོར་གོད་རྒྱལ་པོ
Tibetan Definition ཐོར་གོད་རྒྱལ་པོ་ཞེས་པ་འདི་སོག་པོའི་རྒྱལ་པོ་ཞིག་ཡིན་ཅིང༌། ཕྱི་ལོ་༡༨༣༤ལོར་རྒྱལ་པོ་འདི་བཞིན་བོད་དུ་༧རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཇལ་བཅར་དང་ཆོས་འབྲེལ་ཞུས་ཐོག རྒྱལ་པོ་འདིས་ཞུས་ངོར་སོག་ཡུལ་དུ་སྨན་པའི་སློབ་དཔོན་ལྕགས་རི་སྨན་པ་འཇམ་དབྱངས་སྐལ་བཟང་ཆེད་རྫོང་དང་དུས་འཁོར་སྒྲུབ་མཆོད་གསར་འཛུགས་མཛད་འདུག འདིའི་རྒྱལ་རྒྱུད་རྣམས༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཆོས་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་ཅིང༌། ཕྱི་ལོ་༡༨༨༩ལོར་འདིའི་རྒྱལ་རྒྱུདཀྱི་རྒྱལ་པོ་དང་བཙུན་མོ་སྐུ་འཁོར་བཅས༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཡང་མཇལ་བཅར་ཞུ་བར་ཕེབས་ཤིང༌། ྋརྒྱལ་དབང་མཆོག་ནས་ཀྱང་ཕེབས་བསུ་དང་སྣེ་ལེན་གཟབ་རྒྱས་ཞུས་འདུག