3030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོས་པ
Tibetan Definition 2 (མིང་ཚིག) ཐོས་བྱུང་གི་ཤེས་རབ། སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་བཅོམ་མཚོན་ཆ་ཡིན། །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྒྱ་གར་གྱི་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་ཀྱང་། ཐོས་པ་ཞེས་བྱ་བ་ནི་ཚིག་དང་དོན་རྣ་བའི་རྣམ་པར་ཤེས་པ་དང་། དེའི་རྗེས་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་བཅད་པའོ། །ཞེས་གསུངས་པའང་ཕལ་ཆེར་གོང་དུ་འདྲའོ། །