3032

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོས་པ་ཕུན་སུམ་ཚོགས་པ
Tibetan Definition (འདུལ་བ) 1 མང་པོ་ཐོས་པ། མང་པོ་ལ་ཐོས་པ། མང་པོ་དང་ཐོས་པ་སྟེ། ཁྱད་པར་གསུམ་ལྡན་གྱི་ཐོས་པ་ཞིག་ལ་ཟེར། དེ་ཡང་ཆོས་གསུང་རབ་ཀྱི་ཚིག་དོན་མང་པོ་ཐོས་པ། དགེ་བའི་བཤེས་གཉེན་མང་པོ་ལས་ཐོས་པ། ཚངས་སྤྱོད་ཀྱི་གྲོགས་མང་པོ་དང་མཉམ་དུ་ཐོས་པ་དང་གསུམ། འདི་འདུལ་བའི་ལྔ་ཕྲུགས་ཀྱི་སྐབས་སུ་བཤད། 2 ཚུལ་ཁྲིམས་ཀྱི་གྲོགས་དང་བཅས་པའི་ཐོས་པ་ལ་ཟེར་ཏེ། ཐོས་པའི་ཚོམས་ལམ་རིམ་དུ་དྲངས་པ་ལས། གལ་ཏེ་ཐོས་པ་མང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང༌། །དེ་ཡི་ཐོས་པ་ཕུན་སུམ་མིན། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང༌། །དེ་ནི་ཐོས་པ་ཕུན་སུམ་འགྱུར། །ཞེས་གསུངས་པ་ལྟར་རོ། །