3038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོས་པའི་ཕན་ཡོན་བཞི
Tibetan Definition ཆོས་ཐོས་པའི་ཕན་ཡོན་བཞི་ནི། བླང་དོར་གྱི་གནས་ཤེས་པ། སྡིག་པ་ལས་ལྡོག་པ། ཆགས་ཡུལ་སྤོང་བ། མྱང་འདས་ཐོབ་པ་དང་བཞིའོ། །ཇི་སྐད་དུ་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ།། ཅེས་གསུངས་པ་ལྟར་རོ། །ཚིགས་བཅད་འདིའི་དོན་ནི། ཚིག་རྐང་དང་པོས། གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ཤེས་པ། ཚིག་རྐང་གཉིས་པས། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་ལས་ལྡོག་པ། ཚིག་རྐང་གསུམ་པས། ཏིང་ངེ་འཛིན་གྱི་བསླབ་པ་ཐོབ་ནས་དོན་མེད་པའི་ཆགས་པ་སྤོང་བ། ཚིག་རྐང་བཞི་པས། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་ཟག་ཟད་མངོན་དུ་བྱས་ཏེ་མྱང་འདས་འཐོབ་བོ་ཞེས་པའི་དོན་ནོ། །ཞེས་རྣམ་བཤད་རིགས་པར་གསུངས། མདོར་ན། ཐོས་པས་བསླབ་པ་གསུམ་རང་རྒྱུད་ལ་སྐྱེས་ཏེ་མྱ་འདས་འཐོབ་བོ། །ཞེས་པའི་དོན་ནོ། །