3048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ད་བྱིད
Tibetan Definition <གོ་དྷ> ཙངས་པ་ཆེན་པོ་བྱི་ལའི་ཚད་ཙམ་པ་ཞིག་གི་མིང༌། འདི་ནི་ལ་དྭགས་ལའང་ཡོད་པར་བཤད། འདི་ལ་སྐྱིན་གོར་ཞེས་ཀྱང་ཟེར། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། རྩངས་པ་ཆེན་པོ་བྱི་ལའི་ཚད་ཙམ་པ་ནི་སིདྒ་ལར་ངེས་པར་སྣང༌། དེ་ལ་གོ་དྷ་ཟེར་ཞིང༌། དེ་ད་བྱིད་དུ་བསྒྱུར་སྣང༌། ཞེས་གསུངས། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས། འདི་ལ་ལེགས་སྦྱར་གྱི་སྐད་དོད་མང་དུ་གསུངས་ཏེ། ནི་ཧཱ་ཀཱ། ད་བྱིད་དམ་སྐྱིན་གོར་ཅན་ཏེ་ཆུའི་རྩངས་པ། ཞེས་གསུངས།