3049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ད་ར་ཁ་ཆེ
Tibetan Definition (སོག་སྐད) 1 དབང་ཆེ་བའི་དོན། འདི་སོག་སྐད་ཡིན་པར་ལི་ཤིའི་གུར་ཁང་དུ་གསལ། 2 མངའ་སྡེ་སོ་སོའི་མི་དམངས་ཀྱི་འགོ་ཁྲིད་དམ། སྣེ་སྡོད་པའི་གོ་ས་ལྟ་བུ་ཡིན། ཞེས་ཞྭ་སྒབ་པའི་རྒྱལ་རབས་དེབ་དང་པོ་༢༧༨ན་གསལ་བ་ལྟར་རོ། །མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། (རྗེ་རིན་པོ་ཆེ) འདིའི་ཡབ་ནི། དཔའ་ཞིང་དེས་པ་དང༌། སྒྲིན་ཅིང་བརྟུལ་ཕོད་པ་དང༌། འབྱོར་ཅིང་རང་བཞིན་དྲང་བ་ལ་སོགས་པས། སྐྱེ་བོ་གཞན་གྱི་ཡིད་དུ་འཐད་པའི་ཆོས་ཀྱིས་བརྒྱན་པ། ད་ར་ཁ་ཆེ་ཀླུ་འབུམ་དགེ་ཞེས་བྱ་བ་ཡིན་ལ། ཞེས་གསུངས་པ་ལྟར་རོ། །