From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དཀར་ཆག་ལྡན་དཀར་མ
|
| Tibetan Definition
|
ཕོ་བྲང་ལྡན་དཀར་དུ་སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བནྡེ་དཔལ་བརྩེགས་ཏེ་སྐ་བ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ (ཅོག་རོ་ཀླུའི་རྒྱལ་མཚན) ལ་སོགས་པས་འབྲུག་གི་ལོའམ་ཕྱི་ལོའི་དུས་རབས་དགུ་པའི་འགོ་སྟོད་དེ་༨༢༤ལ་བསྒྲིགས་པར་ཚོད་དཔག་བྱེད་ཅིང་། འདི་དང་དཀར་ཆག་འཕང་ཐང་མ་གཉིས་དཀར་ཆག་ཐམས་ཅད་ཀྱི་ནང་ནས་སྔ་ཤོས་ཡིན་ནོ། །འགའ་ཞིག་གིས་དཀར་ཆག་འཕང་ཐང་སྔ་ཟེར། གཞན་དག་གིས་ལྡན་དཀར་སྔ་ཟེར། འཕང་ཐང་མ་ཁྱི་ལོར་བརྩམས་པར་གསལ་བ་ལྟར་ན། ཡང་ན་ས་ཁྱི་སྟེ་༨༡༨དང་། ཡང་ན་ལྕགས་ཁྱི་སྟེ་༨༣༠གང་རུང་ལ་བརྩམས་པར་ཚོད་དཔག་བྱས་ཀྱང་མི་འགྲིག་པ་ཨེ་ཡོད་སྙམ། སྡེ་དགེ་བསྟན་འགྱུར་སྣ་ཚོགས་༼ ཇོ་པ ༽༢༩༤ན༦ན་བཞུགས་ཤིང་། དཀར་ཆག་འཕང་ཐང་མ་ནི་༢༠༠༣ལོར་བོད་དུ་དཔར་སྐྲུན་བྱས་པར་སྣང་ངོ་། །
|