3059
Jump to navigation
Jump to search
| དཀར་ཐབ | |
| Tibetan Definition | འོ་མ་དང་ཞོ་སོགས་ལུད་ནས་མེར་སོང་སྟེ་དྲི་ངན་འཐུལ་བ་ལ་ཟེར། འདི་རིགས་རི་ཀླུང་ཀྱི་ལྷ་ཀླུ་དྲག་པོ་གནས་ས་དང་། གནས་ཆེན་སོགས་སུ་འཛེམ་དགོས་པར་གསུངས། དཀར་ནི་དཀར་པོ་སྟེ་འོ་མ་དང་ཞོ་སོགས་ལ་གོ་ཞིང་། ཐབ་ནི་མེ་གཏོང་བའི་ཐབ་བོ། །ཤ་ཁྲག་སོགས་མེར་སོང་ནས་དྲི་ངན་འཐུལ་བ་ལ། དམར་ཐབ་ཟེར། འདི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༢༧བ༣ན་གསལ་ལོ། ། |
|---|---|