3060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་པོ་ཆིག་ཐུབ
Tibetan Definition (བཀའ་བརྒྱུད) 1 ཕྱག་ཆེན་གདམས་པ།  2 ཕྱག་ཆེན་བསྒོམ་པའི་མིང་། ཕྱག་ཆེན་བསྒོམ་པ་གཅིག་པུས་མཐར་ཐུག་གི་འབྲས་བུ་འཐོབ་པར་འགྱུར་བ་ལ་དགོངས་ནས་དེ་ལྟར་བཏགས། དཀར་པོ་ཆིག་ཐུབ་ཅེས་པའི་ཐ་སྙད་འདི་ཞང་ཚལ་པ་ཡན་ལ་དེ་འདྲའི་ཐ་སྙད་གྲགས་མི་ཆེ་ཞིང་། ཞང་གིས་ (ཞང་འགྲོ་བའི་མགོན་པོ་གཡུ་བྲག་པས) དཀར་པོ་ཆིག་ཐུབ་ལ་གཙོ་བོར་བྱས་པའི་བསྟན་བཅོས་མཛད་ནས་དེ་ཕྱིན་ཆད་ལ་གྲགས་ཆེ་བར་གྱུར་ཏོ། ། 3 སྔོ་སྨན་གྱི་རིགས་ཤིག་སྟེ། རོ་མངར་ཞིང་བསྐ། ཞུ་རྗེས་བསིལ། ནུས་པས་སྲིན་ནད་སེལ། དུག་ནད་སྡུད། གག་ལྟོག་དང་། ཕོ་བའི་གླང་ཐབས་འཇོམས་པར་བཤད། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་དྲི་མེད་ཤེལ་ཕྲེང་༢༨༣ལས། དཀར་པོ་ཆིག་ཐུབ་དུད་སྡུད་གཉན་སྲིན་འཇོམས། །ཞེས་པ་དུག་སྡུད་གསོད་སྦྱོང་སྐབས་གོང་གི་ཀོ་ཋ་ལག་ལེན་བཞིན་གཏོང་བ་དང་། གཉན་སྲིན་སྐབས་སྔར་བཤད་གངས་ཐང་ཕྲོམ་ཆེ་བ་ཝ་ཏ་གཏོང་བ་ཡིན་ལ། ཆིག་ཐུབ་ཅེས་པས་ཆིག་རྒྱུག་ལས་སྡུད་སྦྱོར་གྱི་གྲོགས་ལ་མི་ལྟོས་པའོ། །ཞེས་གསུངས།