From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དཀོན་མཆོག་དབལ
|
| Tibetan Definition
|
(གསང་སྔགས) རིན་ཆེན་དབལ་ཏེ། བྱང་ཆུབ་ཀྱི་སེམས་སམ་ཁུ་བའི་མིང་ངོ་། །སྒྲ་བཤད་ནི། དཀོན་མཆོག་གི་སྐད་དོད་རཏྣ་དང་། དེ་ཡང་རིན་པོ་ཆེ་ཡིན་པས་ཀུནྟ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་། འདོད་དོན་རྫོགས་པར་བྱེད་པས་རིན་པོ་ཆེའོ། །ཀེ་ཏུ་དབལ་དང་རྒྱལ་མཚན་གཉིས་ཀ་ལ་འཇུག་པས། རྒྱལ་མཚན་བཙུགས་པས་དགའ་བ་བསྐྱེད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་ཡིད་དགའ་བར་བྱེད་པའི་ཕྱིར། དཀོན་མཆོག་དབལ་ཞེས་བྱའོ། །ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལས་གསུངས་པ་ལྟར་རོ། །
|