3078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ
Tibetan Definition སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་དང་གསུམ་མོ། །སྒྲ་བཤད་ནི། དཀོན་མཆོག་གསུམ་ཆོས་ཅན། ཁྱོད་ལ་དཀོན་མཆོག་རིན་པོ་ཆེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་རྣམ་པ་དྲུག་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། ཆོས་མཐུན་རྣམ་པ་དྲུག་ནི། འཇིག་རྟེན་ན་འབྱུང་བ་དཀོན་པ། དྲི་མའམ་སྐྱོན་མེད་པ། མངོན་ཤེས་ལ་སོགས་པའི་མཐུ་དང་ལྡན་པ། བསམ་པ་དགེ་བའི་རྒྱན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཡོན་ཏན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ཆགས་སྡང་གིས་གཞན་དབང་དུ་མི་འགྱུར་བའི་ཕྱིར་ཏེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར་རོ། །