3088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར་རྒྱལ་མཆོག
Tibetan Definition ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ (ཐིག་ལེ་དཀར་དམར) ལས་སྤྲུལ་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྲུབ་པ་ལ་ཟེར། རྗེའི་སྔགས་རིམ་ཆེན་མོ་ལ་གཞི་བྱས་ཏེ་བཀོད། རྗེའི་གསང་འདུས་སྨོན་ལམ་ལས། མཁའ་དབྱིངས་རྡོ་རྗེ་སྦྱར་བའི་སྦར་བ་ཡིས། །ཙཎྜ་ལི་ཡིས་བཞུས་པའི་བྱང་ཆུབ་སེམས། །ཨ་ཝ་དྷཱུ་ཏཱིའི་རྒྱུན་ལམ་ནས་འོངས་པ། །ཤེས་རབ་པདྨའི་ཟེའུ་འབྲུར་སོན་པ་ལས། །འཁྲུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱིས། །སྤྲུལ་པའི་སྤྲིན་གྱིས་ནམ་མཁའི་ཁྱོན་བཀང་སྟེ། །སྣོད་བཅུད་ཞིང་ཀུན་ཡོངས་སུ་སྦྱོང་མཛད་པའི། །དཀྱིལ་འཁོར་རྒྱལ་མཆོག་མྱུར་དུ་འགྲུབ་པར་ཤོག །ཅེས་གསུངས་སོ། །གསང་འདུས་བསྐྱེད་རིམ་གྱི་དེ་ཉིད་ཞེ་དགུའི་ནང་ནས། ༣༣ རང་གནས་སུ་འཁོད་པའི་སྒོ་སྟེ་སྒོ་བདུན་གྱིས་གཤེགས་པ་དབྱུང་བའི་དེ་ཉིད། ༣༤ གཤེགས་མ་དབྱུང་བའི་དེ་ཉིད། ༣༥ སེམས་མ་དབྱུང་བའི་དེ་ཉིད། ༣༦ སེམས་དཔའ་དབྱུང་བའི་དེ་ཉིད། ༣༧ ཁྲོ་བོ་དབྱུང་བའི་དེ་ཉིད་བཅས་ལྔ་པོ་འདི་རྣམས་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ནོ། །