309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླད་ཀོར
Tibetan Definition 1 དབྱིབས་སྒོར་སྒོར། ཐིག་ལེ། འོ་ན་ཀླད་སྒོར་རམ་ཀླད་སྐོར་ཞེས་མི་བརྗོད་པ་ཅི་ཡིན་ཞེ་ན། མིང་མཐའ་འདྲེན་ཚུལ་གྱི་དབང་གིས་ཡིན་ཏེ། སི་ཏུ་འགྲེལ་ཆེན་རྟགས་འཇུག་གི་སྐབས་ལས། ཀླད་ཀོར་དང་། སྟོད་ཀོར། པད་ཀོར་སོགས་ཀྱང་སྐོར་བའི་དོན་ལ། སྔ་མའི་རྗེས་འཇུག་གི་དབང་ལས་ས་མགོ་མོ་ཡིག་ཡིན་པས་ཕྱིས་པ་སྟེ། ཞེས་གསུངས་པ་ལྟར་རོ། །