3102

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་པ
Tibetan Definition (འདག་པའི་འདས་པ) 1 སྐྱོན་གྱིས་མ་གོས་པ། སྐྱོན་དང་བྲལ་བ། བསྲེ་ལྷད་མེད་པ། གཙང་མར་གྱུར་པ་བཅས་ཀྱི་དོན། དཔེར་ན་དྲི་མས་དག་པ་ཞེས་པ་ལྟ་བུ། 2 མེད་པའམ་དབེན་པ། བྲལ་བ་བཅས་ཀྱི་དོན། བུམ་པས་དག་པའི་ས་ཕྱོགས་ཞེས་པ་ལྟ་བུ། བུམ་པས་དག་པ་ཞེས་པ་ནི་བུམ་པ་དང་བྲལ་བའི་དོན་ཏེ་དྲི་མས་དག་ཅེས་པ་དང་འདྲ་བ་ཡིན། 3 (མིང་ཚིག) ཕན་ཡོན། ཡོན་ཏན། མཚོན་དོན། དོན། འགྲེལ་བཤད་བཅས་ལ་གོ་དགོས། དབང་གི་དག་པ་ཞེས་པ་ལྟ་བུ་དང་། དག་པ་བྱིན་ཞེས་པ་ལྟ་བུ། དག་པ་དྲན་པ་ལ་གཟིགས། སྒྲ་བཤད་ནི། ཡོན་གྱིས་དག་པས་ན་དག་པ་ཞེས་བྱ་ཞིང་། སྐྱོན་གྱིས་དག་པ་ནི་ཡོན་ཏན་ཡིན་པས། ཡོན་ཏན་ཟེར་བའི་དོན་ཡིན། འོན་ཀྱང་འདི་མཚོན་དོན་ལ་གོ་དགོས།