From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| དགག་གོ
|
| Tibetan Definition
|
འདི་ལ་གོ་རྒྱུ་གཉིས་ཡོད་དེ། དགག་པར་བྱེད་དོ། །ཞེས་པ་དང་། དགག་པར་བྱའོ་ཞེས་པའི་དོན་གཉིས་ལ་འཇུག་སྟེ། དངུལ་ཆུའི་གསུང་དྲི་ལན་ལས། དགག་གོ། ཞེས་པ་བྱ་བྱེད་གཉིས་ཀའི་དཔེར་བརྗོད་དུ་བྱུང་བས་བདག་གཞན་མི་ཕྱེད་པའི་དོགས་པ་འདུག་གསུང་བ་ཐུགས་མད་ཀྱང་། སྤྱིར་ཚིག་གཅིག་ལ་དོན་དུ་མ་དང་། དོན་གཅིག་ལ་མིང་དུ་མ་འབྱུང་བ་མི་འགལ་བར་མ་ཟད་མ་ནིང་བདག་གཞན་གཉིས་ཀ་ལ་འཇུག་པས། དགག་གོ། ཞེས་པ་ཡང་། སྔ་ཕྱིའི་ཚིག་གྲོགས་དང་བསྟུན་ནས། དགག་པར་བྱེད་དོ་ཞེས་པ་དང་མཐུན་ན་བདག་དངོས་དང་། དགག་པར་བྱའོ། །ཞེས་པ་དང་མཐུན་ན་གཞན་དངོས་སུ་གོ་དགོས་པ་ལགས། ཞེས་གསུངས་པ་ལྟར་རོ། །
|