3124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་སྒྲ
Tibetan Definition མེད་པའམ་མིན་པར་སྟོན་པའི་ཚིག་ཕྲད་ཅིག ལེགས་བཤད་ལྗོན་དབང་ལས། མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་ལའང་། །ཞེས་གསུངས་པ་ལྟར་རོ། །འདི་ལ་མོ་རྟགས་ཞེས་ཀྱང་ཟེར། དགག་ཚིག་དང་ཡང་དོན་གཅིག་སྟེ། ཁུ་ནུ་བླ་མའི་ངག་སྒྲོན་འགྲེལ་པར། མི་དགག་ཚིག་རྟག་པ་བརྟན་པ་འགྱུར་མེད་རྒྱུན་པ་མི་ཉམས་པ་རང་བཞིན་ཟད་མེད་རྒྱུན་མི་འཆད་མཉམ་ཉིད། ཅེས་གསུངས་པ་ལྟར་རོ། །