From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དགའ་བ་བཅུ་དྲུག
|
Tibetan Definition
|
དགའ་བ་བཞི་པོ་རེ་རེར་བཞི་བཞིར་ཕྱེ་སྟེ་བཅུ་དྲུག དང་པོ་དགའ་བ་ལ་བཞིར་ཕྱེ་བ་ནི། དགའ་བའི་དགའ་བ། དགའ་བའི་མཆོག་དགའ། དགའ་བའི་ཁྱད་དགའ། དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་དང་བཞིའོ། །དེས་མཆོག་དགའ་དང་། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམས་ལའང་དབྱེ་ཚུལ་རིགས་འགྲེའོ། །དགའ་བ་བཅུ་དྲུག་ཡོད་པའི་རྒྱུ་མཚན་ནི། ཐིག་ལེ་སྤྱི་བོ་ནས་མགྲིན་པར་འབབ་པ་ལ་ཆ་མཉམ་བཞིར་བགོས་ནས། སྟེང་ནས་རིམ་པ་ལྟར་བཞི་ཆ་དང་པོའི་དུས་སུ་དགའ་བའི་དགའ་བ། ཆ་གཉིས་པའི་དུས་སུ་དགའ་བའི་མཆོག་དགའ། ཆ་གསུམ་པའི་དུས་སུ་དགའ་བའི་ཁྱད་དགའ། ཆ་བཞི་པའི་དུས་སུ་དགའ་བའི་ལྷན་སྐྱེས་ཀྱི་དགའ་བའོ། །དེས་གཞན་རྣམས་ལའང་རིགས་འགྲེའོ། །རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལ་གཞི་བྱས་ཏེ་བཀོད།
|