3132

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་བ་བཞི
Tibetan Definition 2 ཡང་ན། རྒྱུད་རྡོ་རྗེ་འཕྲེང་བ་ལས་གསུངས་པ་ལྟར། དགའ་བ། མཆོག་དགའ་བ། དགའ་བྲལ་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་དང་བཞིའོ། །དེ་ཡང་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །འདི་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་རྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷཱ་བྷྱ་བྷ་དྲས་ཟིན་བྲིས་སུ་བཀོད་པ་ལས་གསུངས་པ་ལྟར་རོ། །གོང་འོག་གི་ཐ་སྙད་ཅུང་མི་འདྲ་ཡང་དོན་གཅིག་ཏུ་གནས་ལ། ཐ་སྙད་དེ་གཉིས་ལས་དགེ་ལྡན་པའི་ཕྱོགས་ལ་སྔ་མ་དེ་གྲགས་ཆེ་བ་ཡིན་ནོ། །