3138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་བོ་མངལ་འཇུག་གི་མདོ
Tibetan Definition འཕགས་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པའི་མདོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འདི་སྡེ་དགེ་བསྟན་འགྱུར་མདོ་དཀོན་བརྩེགས་༼ ག་པ ༽༢༣༧ན༣ན་བཞུགས་སོ། །ལུང་ཕྲན་ཚེགས་༼ ཐ་པའི ༽༡༢༤བ༦ན་ཡང་། དགའ་བོ་མངལ་དུ་འཇུག་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ཡོད་པས། འདི་གཉིས་ཚིག་རིས་མི་འདྲ་ནའང་ནང་དོན་འདྲ་ཞིང་། འདི་བཅོམ་ལྡན་འདས་ཀྱི་གཅུང་པོ་དགའ་བོའམ་ཡོངས་གྲགས་སུ་གཅུང་དགའ་བོ་ཞེས་བྱ་བ་རང་གི་ཆུང་མ་ལ་ཤིན་ཏུ་ཆགས་ཏེ་ཆོས་ལ་མི་འཇུག་པ་དེ། འཁོར་བ་ལ་སྐྱོ་ཤས་སྐྱེ་བའི་ཕྱིར། བར་སྲིད་པ་མངལ་དུ་འཇུག་ཚུལ་གྱི་སྐོར་ཧ་ཅང་ཞིབ་པར་གསུངས་ཏེ། གཅུང་དགའ་བོས་མཐོང་ལམ་ཐོབ་ཅིང་། མཐར་བཅོམ་ལྡན་འདས་ཀྱིས་གཅུང་དགའ་བོ་དགྲ་བཅོམ་པའི་གོ་འཕང་ཐོབ་པར་མཛད་པའི་ལོ་རྒྱུས་གསལ་ལོ། །