3152

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགུ
Tibetan Definition 2 མང་ཚིག་གམ། ཚད། (ཡོད་ཚད་ལ། ཡོད་དགུ་ཞེས་པ་ལྟ་བུ) ཐམས་ཅད་ཀྱི་དོན། དཔེར་ན། འདོད་དགུ། ཡོད་དགུ། ཕྲད་དགུ། སྐྱེ་དགུ་སོགས་ལྟ་བུའོ། །འདི་ཡང་ལེགས་སྦྱར་གྱི་ “པྲ” ཞེས་པ། རབ་དང་། དང་པོ། ཡང་དང་། མང་ཚིག་བཅས་ལ་འཇུག་པར་བཤད། མང་ཚིག་ལ་འཇུག་པ་ནི། ལེགས་སྦྱར་དུ་ “པྲ་ཀཱ་མ” ཞེས་པ་འདོད་དགུ་ལ་བསྒྱུར་བ་བཞིན་ནོ། །དེ་ཡང་ “ཀཱ་མ” ནི་འདོད་པ། “པྲ” ནི་མང་ཚིག་གི་དོན་ཡིན་པར། འཕགས་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་བཤད་པ་ལྟར་རོ། །