3153
Jump to navigation
Jump to search
| དགུ་བ | |
| Tibetan Definition | (བྱེད་མེད་ལས་ཚིག) 1 སྒུར་བའི་དོན། རྒྱ་ཆེར་རོལ་པའི་མདོ་ལས། གདུང་རྟེན་ལྟར་དགུ་བ། ཞེས་དང་། ལུས་དགུ་བས་འཁར་བ་ལ་བརྟེན་ནས་ཡན་ལག་དང་ཉིང་ལག་ཐམས་ཅད་འདར་བ་ཞིག་ལམ་གར་བསྟན་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ།། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་༼ ས ༽༡༧༣བ༦ལས། སྒུར་ཏེ་གདུང་རྟེན་ལྟར་དགུ་བ་དང་། ཞེས་དང་། ལུས་མདུན་དུ་དགུ་བ་དང་། ཞེས་གསུངས་སོ། ། 2 དགའ་བའི་དོན། སེམས་དགུ་བ་ཞེས་པ་ལྟ་བུ། |
|---|---|