3177

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་མཚན
Tibetan Definition 2 བཀྲ་ཤིས་པའི་རྟགས་སམ་མཚན་མ། བཀྲ་ཤིས་པའི་མཚོན་དོན། སྒྲ་བཤད་ནི། དགེ་བའི་མཚན་མ་ཞེས་པ་སྟེ། དགེ་བ་ནི་བཟང་པོ་དང་བཀྲ་ཤིས་པ་སོགས་ཀྱི་དོན་ཡིན་ལ། མཚན་མ་སྟེ་རྟགས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། དགེ་མཚན་ཞེས་བྱ་བ་ནི་བདག་པོ་དང་བུ་དང་མིང་པོ་ལ་སོགས་པ་ལ་དགེ་བར་ཕྱིར་འོང་བ་ལ་སོགས་པའི་དོན་དུ་བུད་མེད་རྣམས་ཀྱིས་སྲུང་བའི་སྐུད་པ་ལ་སོགས་པ་བཏགས་པ་དང། ལུས་ཀྱི་ཕྱོགས་གཅིག་ལ་གི་ཝང་ལ་སོགས་པས་སྐུད་པའོ། །ཞེས་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༣༠ན༢ལས། དགེ་མཚན་ཞེས་བྱ་བ་ནི་གིའུ་ཝང་དང་ཚོན་སྣ་ལྔ་པ་དང་ཡུངས་ཀར་དཀར་པོ་གསང་སྔགས་ཀྱིས་བཏབ་པ་ལ་སོགས་པ་བཀྲ་ཤིས་ཀྱི་རྟགས་སོ། །ཞེས་གསུངས།