3189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་འདུན་དཀོན་མཆོག
Tibetan Definition རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པའི་གང་ཟག་དེ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་དང་། དོན་དམ་པའི་དགེ་འདུན་དཀོན་མཆོག་གཉིས་ལས། དང་པོ་དང་། འཕགས་པའི་གང་ཟག་དོན་གཅིག གཉིས་པ་ནི། འགོག་བདེན་དང་། ལམ་བདེན་ལྟ་བུའོ། །ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་ཆོས་ཅན། ཡོན་ཏན་བརྒྱད་དང་ལྡན་ཏེ། ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་རིག་པའི་ཡོན་ཏན། རང་གི་ངོས་སྐལ་གྱི་ཆགས་ཐོགས་དམན་གསུམ་ཅི་རིགས་པས་དག་པའི་ཡོན་ཏན་གསུམ། རིག་པའི་ཡོན་ཏན། གྲོལ་བའི་ཡོན་ཏན་དང་བརྒྱད་ཡོད་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པའི་ཕྱིར། དེ་ཡང་བསྡུ་ན་གཉིས་སུ་འདུ་སྟེ། དང་པོ་གསུམ་རིག་པའི་ཡོན་ཏན། ཕྱི་མ་གསུམ་གྲོལ་བའི་ཡོན་ཏན་དུ་འདུ་བ་ཡིན་པའི་ཕྱིར། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྤྱི་དོན་རོལ་མཚོ་ལྟར་བཀོད། འདི་ལ་དོགས་པ་འདི་ལྟར་ཡོད་དེ། ཡོན་ཏན་བརྒྱད་ལས་ཐ་མ་གཉིས་པོ་ནི་ཡོན་ཏན་དང་པོ་དྲུག་གི་ནང་དུ་སོང་ཟིན་པས། རིག་པའི་ཡོན་ཏན་དང་། གྲོལ་བའི་ཡོན་ཏན་ཞེས་ལོགས་སུ་འདྲེན་དགོས་དོན་མེད་ལ། རྒྱུད་བླ་མ་ལས་ཀྱང་དྲུག་མ་གཏོགས་བརྒྱད་གསུངས་པ་མེད་པའི་ཕྱིར་རོ། །