319

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ
Tibetan Definition <ནཱ་ག> 1 ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག ཀླུའི་སྐོར་ལོ་རྒྱུས་སྙན་པོ་འདི་འདྲ་ཞིག་ཡོད་དེ། རྒྱ་ནག་གི་ཡུལ་འདས་ནས་ཨུ་ཤི་རའི་ཡུལ་ལ་སླེབས། དེ་འདས་ནས་གུ་ཚིའི་ཡུལ་ལ་སླེབས། གུ་ཚིའི་ཡུལ་གྱི་འགྲེལ་བཤད་བྱེད་པ་ན་ཐང་ཟན་ལམ་ཡིག་ལས། སྐྱེ་བོ་ཕལ་ཆེར་དགའ་འདུན་ལ་ཆགས་ཤིང་ལེ་ལོ་ཆེའོ། །མཁར་དེའི་བྱང་ཤར་མཚམས་ན་ཕྱི་རོལ་པའི་དགོན་སྡེ་ཆེན་པོའི་མདུན་ན་ཀླུ་གནས་པའི་མཚོ་ཆེན་པོ་ཞིག་ཡོད་དོ། །དེར་ཀླུ་མ་རུངས་པ་མང་བས་ཀླུ་ཕོ་འགའ་ཞིག་ནི་སྐྱེས་པར་སྤྲུལ། འགའ་ཞིག་ནི་རྟ་གསེབ་ཏུ་སྤྲུལ། བུད་མེད་རྣམས་ཀྱི་ཁྱོ་རུ་སླུ་བ་དང་རྟ་གསེབ་ཏུ་བསླུས་ནས་རྒོད་མ་དང་ཕྲད་པས་མི་དང་ཆ་ལ་ཀླུ་ཕྲུག་སྐྱེས་པ་མང་སྟེ། ལན་ཅིག་ཡུལ་དེའི་རྒྱལ་པོ་གསེར་གྱི་མེ་ཏོག་གི་རྟ་རྒོད་མ་ཞིག་ལ་ཀླུ་ཕྲུག་རྟེའུ་ལ་རྟའི་ལོན་ཚང་བ་ཞིག་བྱུང་བ་གཅེས་སྤྲས་ཀྱིས་བརྐྱངས་ཏེ་རྒྱུན་ཏུ་རང་གི་བཞོན་རྟར་བྱས་ཤིང་ལྕགས་ཀྱིས་གཏན་ནས་མི་ཞུ། སྐབས་ཤིག་བརྗེད་ནས་ལྕགས་ཀྱིས་རྣ་བར་རེག་ཙམ་བྱས་པས་ལུས་མི་མངོན་པར་གྱུར་ཏོ། །རྐྱེན་དེས་མི་རིང་བར་རྒྱལ་པོ་ཡང་འདས་སྐད་དོ། །ཡང་དེའི་སྔ་རོལ་ཏུ་ཀླུའི་རིགས་ཀྱི་གཞོན་ནུ་ཐམས་ཅད་དཔའ་ཞིང་རྟུལ་ཕོད་པ་ཤིན་ཏུ་མི་བསྲུན་པ་གཏུམ་པ་ཁོ་ནར་གྱུར་པས། རྒྱལ་པོ་དཔོན་དུ་མི་བཀུར་ཞིང་བཀའ་ཡང་མ་ཉན་པས་རྒྱལ་པོ་ཁྲོས་འཁྲུགས་ཏེ། དུ་རུ་ཀྵ་སྟེ་སྟག་ཟིག་མང་པོ་བོས་ནས་བརྔན་པ་བྱིན་ཏེ་མ་རུངས་པ་དེ་དག་མ་ལུས་པར་བསད་དོ། །དེ་ནས་རྒྱལ་པོ་ཡང་མི་རིང་བར་གཤེགས་སོ། །གྲོང་ཁྱེར་དེ་ཀའི་ནང་གི་ཁྲོན་པ་ཐམས་ཅད་སྐམས་སོ། །ཞེས་འབྱུང་ངོ་། ། 2 གྲངས་བརྒྱད་ཀྱི་མིང་།  3 ཡན་ལག་གི་རླུང་ལྔའི་ནང་ཚན་ཀླུའི་རླུང་གི་མིང་།