3196

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་ལུགས་པའི་གྲུབ་ཐོབ་ཚད་ལྡན་སུམ་ཅུ
Tibetan Definition དགེ་ལྡན་པའི་ཕྱོགས་ལ་གསང་སྔགས་ཀྱི་གྲུབ་ཐོབ་རྩོད་མེད་སུམ་ཅུ་བྱུང་བ་འདི་ལྟར། ༡ གྲུབ་ཆེན་འཁོར་ལོས་བསྒྱུར་བ་རྗེ་ཙོང་ཁ་པ་ཆེན་པོ། ༢ གྲུབ་ཆེན་རྟོགས་འཇམ་དཔལ་རྒྱ་མཚོ། ༣ གྲུབ་ཆེན་ཆོས་རྡོ་རྗེ། ༤ གྲུབ་ཆེན་བ་སོ་ཆོས་རྗེ། ༥ གྲུབ་ཆེན་དབེན་ས་པ། ༦ གྲུབ་ཆེན་དྷརྨ་དྷཱཛ། ༧ གྲུབ་ཆེན་ཆོས་དབང་གྲགས་པ། ༨ གྲུབ་ཆེན་རྒོད་ཕྲུག་འབྱུང་། ༩ གྲུབ་ཆེན་མདུང་རྩེ་རལ་པའི་བུམ་པ་ཅན། ༡༠ གྲུབ་ཆེན་ཤེས་རབ་སེངྒེ། ༡༡ གྲུབ་ཆེན་སྦྱིན་པ་དཔལ་བ། ༡༢ གྲུབ་ཆེན་འདུལ་ནག་པ། ༡༣ གྲུབ་ཆེན་འདུལ་དཀར་བ་བློ་གྲོས་སྦས་པ། ༡༤ གྲུབ་ཆེན་བརྩོན་འགྲུས་འཕགས། ༡༥ གྲུབ་ཆེན་དཀོན་མཆོག་ཡར་འཕེལ། ༡༦ གྲུབ་ཆེན་ཐང་སག་པ། ༡༧ གྲུབ་ཆེན་དོན་ཡོད་མཁས་གྲུབ། ༡༨ གྲུབ་ཆེན་འཇམ་དབྱངས་བདེ་བའི་རྡོ་རྗེ། ༡༩ གྲུབ་ཆེན་དགེ་འདུན་རྒྱ་མཚོ། ༢༠ གྲུབ་ཆེན་སྒོམ་སྡེ་ནམ་མཁའ་རྒྱལ་མཚན། ༢༡ གྲུབ་ཆེན་འཇམ་དབྱངས་བཞད་པ། ༢༢ གྲུབ་ཆེན་ན་ཁ་བ་ཐར་པའི་རྒྱལ་མཚན། ༢༣ གྲུབ་ཆེན་རོང་པོ་སྐལ་ལྡན་རྒྱ་མཚོ། ༢༤ གྲུབ་ཆེན་གནས་བཅུ་དགེ་འདུན་རྒྱལ་མཚན། ༢༥ གྲུབ་ཆེན་བཀའ་ཆེན་ནམ་མཁའ་རྡོ་རྗེ། ༢༦ གྲུབ་ཆེན་བསྐལ་བཟང་རྒྱ་མཚོ། ༢༧ གྲུབ་ཆེན་ལྕང་སྐྱ་རོལ་པའི་རྡོ་རྗེ། ༢༨ གྲུབ་ཆེན་ངག་དབང་བློ་གྲོས། ༢༩ གྲུབ་ཆེན་བཟོད་པ་རྒྱ་མཚོ། ༣༠ གྲུབ་ཆེན་པཎ་ཆེན་དཔལ་ལྡན་ཡེ་ཤེས་བཅས་སོ། །རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་གསང་སྔགས་ཀྱི་སྒོ་ནས་གྲུབ་པ་བརྙེས་པ་སུམ་ཅུ་ཐམ་པ་རྫོགས་སོ། །ཞེས་ཀློང་རྡོལ་བླ་མའི་གསུང་ལ་ཡོངས་གྲགས་ཀྱི་གྲུབ་ཆེན་འགའ་རེའི་གོ་རིམ་འཛོལ་བ་ལྟར་སྣང་བས་བཅོས་བསྒྱུར་གྱིས་བཀོད། ད་དུང་དཔྱད་པར་འཚལ། ཀློང་རྡོལ་བླ་མ་མན་གྱི་དགེ་ལུགས་པའི་གྲུབ་ཐོབ་ཚད་ལྡན་རྣམས་ཀྱི་མཚན་གཞུང་ཡང་འདིར་དགོད་པར་བྱའོ། །