From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དགེ་སྐོས
|
Tibetan Definition
|
(འདུལ་བ) 1 དགེ་འདུན་གྱི་སྒྲིགས་ཁྲིམས་གནོན་མཁན་གྱི་མིང་། 2 འདུལ་བ་ལུང་གི་སྐབས་སུ། དགེ་སྐོས་ཞེས་པ་དགེ་འདུན་གྱི་ལས་བྱེད་ལ་ཟེར་བར་སྙམ། ལུང་རྣམ་འབྱེད་ཀྱི་འགྲེལ་པ་༼ ཚུ ༽༥༢ན༤ལས། དགེ་སྐོས་ཞེས་བྱ་བ་ནི་དགེ་འདུན་གྱི་ལས་ལ་དབང་བྱེད་པའོ། །ཞེས་གསུངས་སོ། །དགེ་སྐོས་ཞེས་པའི་ཐ་སྙད་འདི་འདུལ་བ་ལུང་ཕྲན་ཚེགས་ལས་ཀྱང་འབྱུང་སྟེ། ལུང་ཕྲན་ཚེགས་སྟོད་ཆ་༼ ཐ ༽༡༧༥ན༧ལས། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུནདགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཕྱག་དར་འཕྱག་པ་ལ་ཕན་ཡོན་ལྔ་ཡོད་དོ་ཞེས་བཀའ་སྩལ་པ་དང་དགེ་སློང་གནས་བརྟན་གནས་བརྟན་དག་བསམ་གཏན་དང་འདོན་པ་བོར་ཏེ་རྒྱལ་བྱེད་ཀྱི་ཚལ་འཕྱག་པ་ལ་ཞུགས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སྐོས་ལ་དགོངས་ཏེ་གསུངས་ཀྱི་དགེ་སློང་གནས་བརྟན་གནས་བརྟན་དག་ནི་མ་ཡིན་ནོ། །ཞེས་དང་། ཇི་ཙམ་སྦྱང་དགོས་པ་དེ་དགེ་སྐོས་ཀྱིས་ཕྱག་པར་བྱ་ཞིང་གཞན་ཚེས་བརྒྱ་དན་བཅུ་བཞི་ལ་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཕྱག་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་རོ། །མདོ་རྩ་བ་ལས་ཀྱང་། དགེ་སྐོས་ཀྱིས་ཉི་མ་རེ་རེ་ཞིང་བྱི་དོར་བྱའོ། །ཞེས་གསུངས་སོ། །
|