From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀ་ནི་ཀའི་སྤྲིངས་ཡིག
|
Tibetan Definition
|
རྒྱལ་པོ་ཀ་ནིསྐ་ལ་སྤྲིངས་པའི་སྤྲིང་ཡིག་ཅེས་བྱ་བ་སློབ་དཔོན་དཔའ་བོས་མཛད། རྒྱ་གར་སྐད་དུ། མཧཱ་རཱ་ཛ་ཀ་ནིསྐ་ལེ་ལ་ཞེས་བྱའོ། །འདི་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པའི་ཁ་ཆེའི་རྒྱལ་པོ་ཀཱ་ནི་ཀ་ཞེས་བྱ་བས། སློབ་དཔོན་དཔའ་བོ་མཆོད་གནས་སུ་སྤྱན་དྲངས་པའི་ཚེ་སྐུ་ན་བགྲེས་པས་འབྱོན་མ་ཐུབ་པར། སྤྲིངས་ཡིག་འདི་བརྩམས་ནས་བསྐུར་ཏེ་རྒྱལ་པོ་ཆོས་ལ་བཀོད་པ་ཡིན་ཚུལ་གསུང་ངོ་། །འདི་སྡེ་དགེ་བསྟན་འགྱུར་༼ ངེ་པ ༽སྐྱེས་རབས་དང་ལྷན་དུ་ཤོག་གྲངས་༥༣ན༦ན་བཞུགས་སོ། །
|