3200

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སྦྱོང
Tibetan Definition (འདུལ་བ) 1 སོ་སྐྱེའི་དགེ་སློང་ཕ་མའམ། རབ་བྱུང་སྤྱིའི་མིང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། དགེ་སྦྱོང་ཞེས་བྱ་བ་ནི་རབ་ཏུ་བྱུང་བའམ་སྡིག་པ་ཞི་བའི་ཕྱིར་རོ། །ཞེས་གསུངས། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༨བ༤ལས། དགེ་སྦྱོང་ཞེས་བྱ་བ་ནི་རབ་ཏུ་བྱུང་བའོ། །ཞེས་གསུངས།  2 འཕགས་པའི་དགེ་འདུན། སྒྲ་བཤད་ནི། དགེ་ནི་དོན་དམ་པའི་དགེ་བ་སྟེ་ཐར་པ་ཡིན་ལ། དེའི་དོན་དུ་ཡོངས་སུ་སྦྱོང་བས་ན་དེ་ལྟར་དུ་བརྗོད་དོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས་པ་ལྟར་བཀོད། ཡང་ན། དགེ་བ་སྟེ་སྡིག་པ་ཞི་བ་ལ་སྤྱོད་ཅིང་ལེགས་པར་སྦྱོང་བས་ན་དགེ་སྦྱོང་ངོ་། །མའི་སོ་ཐར་གྱི་མདོ་ལ་གཞི་བྱས།