3201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སྦྱོང་དུ་བྱེད་པའི་ཆོས་བཞི
Tibetan Definition (འདུལ་བ) གཞན་ལ་གནོད་པ་མི་བྱེད་པའི་ཆོས་བཞི། གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་དང་བཞིའོ། །སྒྲ་བཤད་ནི། གནོད་པ་མི་བྱེད་པས་ན་དགེ་སྦྱོང་དུ་བྱེད་ཅེས་བྱའོ། །ལུང་གཞིའི་འགྲེལ་པར་གཞི་བྱས། ཡང་ན། རང་ཉིད་དགེ་སྦྱོང་དུ་མཚོན་བྱེད་ཀྱི་ཆོས་བཞི་ཞེས་བྱ་བའི་དོན་ཡིན། གཤེ་ནི་གཤེ་གཤེ་གཏོང་བ། ཁྲོས་ནི་ཁྲོས་ནས་ཚིག་ངན་སྨྲས་པའོ། །བརྡེགས་ནི་ལུས་ཀྱིས་བརྡེགས་པའོ། །མཚང་འབྲུ་བ་ནི་སྐྱོན་ནས་བརྗོད་པའོ། །