3212

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་དང་ལྷན་ཅིག་ཏུ་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ཉེར་དྲུག་པ། དགེ་སློང་མ་དང་ལྷན་ཅིག་ཏུ་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་སའི་ལམ་དུ་རྒྱང་གྲགས་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། དགེ་སློང་ཕོ་མོ་ལམ་དུ་འགྲོགས་པ་དེ་མི་མཛེས་ཤིང་མ་དད་པ་སྐྱེ་བ་དང། ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །སོ་སོར་ཐར་པའི་མདོ་ལས། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་སོ། །སོ་སོར་ཐར་པའི་མདོའི་སྡོམ་ལས། དོན་མཐུན་ཞེས་པའི་སྐབས་སུ། དགེ་སློང་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་འདི་བསྟན་ཏོ། །འདིའི་དོན་མཐུན་ཞེས་པ་ནི། ལམ་གྲོགས་ལ་གོ་དགོས། དེ་ཡང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མངོན་དུ་ཕྱོགས་ནས་འོངས་པའི་ལམ་གྲོགས་གཉིས་པ་ནི་དོན་མཐུན་ནོ། །ཞེས་གསུངང་པ་ལྟར་རོ། །