3214

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་ཡི་ཕམ་པ་བརྒྱད
Tibetan Definition (འདུལ་བ) སྲོག་གཅོད། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། བརྫུན་དུ་སྨྲ་བ་དང་བཞི་ནི་དགེ་སློང་དང་འདྲ་ལ། དེ་སྟེང་། རེག་ཕམ། ལུས་བཀན། འཆབ་ཕམ། བཟློག་ཕམ་སྟེ་བརྒྱད་དོ། །དེ་ལ་རེག་ཕམ་ནི། དགེ་སློང་མས་ཆགས་པའི་དབང་གིས་སྐྱེས་པའི་ལུས་རིལ་པོ་ལ་རེག་པའོ། །ལུས་བཀན་ནི། སྐྱེས་པ་དང་མཉམ་དུ་གལ་རྐྱལ་ཉལ་བའོ། །འཆབ་ཕམ་ནི། རང་གི་གྲོགས་དགེ་སློང་མ་ལ་ཕམ་པ་བྱུང་ན་སྦས་ནས་གཞན་ལ་གསང་བའོ། །བཟློག་ཕམ་ནི། དགེ་སློང་མ་ཡི་དགེ་འདུན་གྱིས་བཟློག་པས་མ་ཉན་པའོ། །