3218

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་སློང་མ་ཨུཏྤལའི་མདོག་ཅན
Tibetan Definition <ཨུཏྤལ་བརྞཱ> (འདུལ་བ) ཤིན་ཏུ་གྲགས་ཆེ་བའི་སྟོན་པའི་འཁོར་ཉན་ཐོས་དགྲ་བཅོམ་མ་ཞིག བོད་སྐད་དུ་ཨུད་པ་ལའི་མདོག་དང་། ལེགས་སྦྱར་དུ་ཨུཏྤལ་བརྞཱ་ཟེར། འདི་ལ་ཨུཏྤལའི་མདོག་ཅེས་བརྗོད་པའི་རྒྱུ་མཚན་ནི། འདིའི་མིག་མེ་ཏོག་ཨུཏྤལ་འདྲ་བ། ཨུཏྤལའི་དྲི་དང་ལྡན་པ། ཨུཏྤལའི་ཟེའུ་འབྲུའི་མདོག་འདྲ་བས་དེ་སྐད་ཅེས་བྱའོ། །ལུང་རྣམ་འབྱེད་༼ ཉ་པ ༽༢༢༤བ༤ན་གསལ་བ་ལྟར་རོ། །འདི་ལྷས་བྱིན་གྱིས་བཀྲོངས་པའི་སྐོར་འདུལ་བ་ལུང་གཞི་༼ ང་པའི ༽མཇུག་ཙམ་ན་གསལ་ལོ། །འདིའི་ལོ་རྒྱུས། སྡེ་དགེ་སྤར་མའི་མདོ་མཛངས་བླུན་༼ མདོ་སྡེ་ཨ་པ ༽༢༡༤ བ༦དང་། དྲིན་ལན་བསབ་པའི་མདོ་༼ ཨཿ ༽༡༥༨བ༥ན་གསལ་ལོ། །གཞན་ཡང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པའི་ལྟུང་བྱེད་ཀྱི་གླེང་གཞིའི་སྐབས་ཀྱི་ལུང་རྣམ་འབྱེད་༼ ཉ་པ ༽༢༡༦ན༢ནའང་དེ་སྐོར་བཞུགས། འོན་ཀྱང་འདིར་དགེ་སློང་མ་ཨུཏྤལའི་མདོག་གི་ལོ་རྒྱུས་མདོ་མཛངས་བླུན་སོགས་དང་གཏན་ནས་མི་འདྲ་བར་གསུངས་ཡོད་དོ། །