3270

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགྲ་ཟིན
Tibetan Definition དགྲ་གཉེན། དགྲ་ཟུན་ཞེས་ཀྱང་སྣང་། ཟིན་ཞེས་པ་འདིར་གཉེན་ལ་གོ་དགོས། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༤༡༡ལས། དགྲ་ཟིན་ཕྱེ་ནས། ཞེས་པ་ནི། དཔེར་ན་འཁྲུག་པ་འཐབ་པའི་དུས་སུ། དགྲ་ཟིན་ངོ་ཤེས་པར་བྱས་ནས་དགྲ་ལ་ཟོན་བྱེད་ཅིང་། ཟིན་གྱི་སྲིད་འཚོ་བ་ཡིན། དཔེ་དེ་བཞིན་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ། སྐྱེས་བུ་གསུམ་གྱི་བསྟན་པ་ལ་འཇུག་པའི་རིམ་པ་དེ་རྣམས་ལ། མཐུན་ཕྱོགས་བསྒྲུབ་བྱ་དང་། མི་མཐུན་ཕྱོགས་སྤང་བྱ་གཉིས་གཉིས་སུ་བསྟན་པས། སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་ཐད་ཀ་ཐད་ཀའི་སྤང་བྱ་མི་མཐུན་པ་དེ་དག་ངོ་ཤེས་པར་བྱས་ལ་སྤོང་ཞིང་ཟོན་བྱེད་དགོས། བསྒྲུབ་བྱ་མཐུན་ཕྱགོས་རྣམས་ལ་ནན་ཏན་གྱིས་དང་དུ་བླང་ཞིང་སྒྲུབ་དགོས་གསུང་། ཞེས་གསུངས་པ་ལྟར་རོ། །