328

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་སྡིངས
Tibetan Definition 2 རྒྱལ་བ་དགེ་འདུན་རྒྱ་མཚོ་སོགས་བླ་མ་མང་པོ་བཞུགས་མྱོང་བའི་གཟིམས་ཁང་བྱིན་རླབས་ཅན་ཞིག རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གླེགས་བམ་དང་པོ་༡༨༢ལས། ཆོས་འཁོར་གླིང་པའི་གྲྭ་ཁང་གསར་རྒྱག་གི་ས་ཡུལ་དུ་ཞལ་ངོས་ཀླུ་སྡིངས་གནང་བར་ཕྱི་ནང་ཚང་མ་མ་འདོད་པའི་དྲུང་འཁོར་ཚོས་ཞུ་འབུལ་དང་འབྲས་སྤུངས་སྤྱི་སོས་གྲྭ་ཁང་རྒྱག་ས་ཁམས་ཚན་མི་ཚན་གྱི་ས་ཆ་ག་འདྲ་དགོས་ཀྱང་འབུལ། ཀླུ་སྡིངས་འདི་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས་བཟུང་བླ་མ་མང་པོའི་གཟིམས་ཁང་བྱིན་རླབས་ཅན་ཡིན་པས་བཤིག་ན་མི་ཡོང་ཞུས་སོང་རུང་། རབ་འབྱམས་པ་བཀྲ་ཤིས་རྒྱ་མཚོས་གཙོས་པ་ཁས་ཤས་ཀྱིས་ཀླུ་སྡིངས་མ་བྱུང་ཕྱིན་ཟ་དམ་ལྟ་བུར་དོན་འགྲོ་ཞེས་ཐེལ་བསྡུས་ཀྱང་བྱས་ཞེས་སྐད་ཆ་ཁུངས་མ་གྲྭ་ཚང་རང་གི་དབུ་མཛད་རག་པ་དོན་གྲུབ་རྒྱ་མཚོས་བཤད་བྱུང་ཞིང་། ཞེས་སོགས་གསུངས།