3280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་པོ་སྦྱོར་བ
Tibetan Definition 1 དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་པོ་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཛིན་ལ་ཟེར། སྔགས་རིམ་ཆེན་མོ་ལས། འདི་ཡང་གཙོ་བོ་སྨོས་ཀྱིས་རྟེན་སྐྱེད་པ་ནས་ཡབ་ཡུམ་སྐྱེད་པའི་བར་ཐམས་ཅད་འདིར་བསྡུའོ། །ཞེས་གསུངས། དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་ཚུལ་ནི། སྣོད་ཀྱི་སྲིད་པ་འཆགས་འཇིག་གི་རིམ་པ་དང་མཐུན་པར་རྟེན་གཞལ་ཡས་ཁང་བསྒོམ་པ་དང་། བཅུད་ཀྱི་སྲིད་པ་འཆགས་འཇིག་གི་རིམ་པ་དང་མཐུན་པར་སྐུ་གསུམ་གྱི་རྣལ་འབྱོར་བསྒོམ་པའོ། །རྗེའི་གསང་འདུས་སྨོན་ལམ་ལས། གང་དུ་འཚང་རྒྱའི་ཞིང་ཀུན་དག་བྱས་ནས། །དེར་ནི་སྐུ་གསུམ་གོ་འཕང་མངོན་གྱུར་པའི། །ཐབས་ཀྱི་དམ་པ་འཆི་བ་ཆོས་སྐུ་དང་། །བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུར། །ཚུལ་བཞིན་ཉམས་སུ་ལེན་པའི་རྡོ་རྗེ་མཆོག །རིམ་པ་ཇི་བཞིན་རྒྱུད་ལ་བསྐྱེད་པ་ཡིས། །ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །སྦྱོང་བྱེད་དང་པོའི་སྦྱོར་བའི་འཐོབ་པར་ཤོག །ཅེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། གང་གིས་སྤྲུལ་པའི་དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་གི་ཐོག་མར་བྱུང་བས་ན་དང་པོ་དང་། ཐབས་ཤེས་དབྱེར་མེད་དུ་སྦྱོར་བས་ན་སྦྱོར་བའོ། །རྗེའི་སྔགས་རིམ་ཆེན་མོ་དང་། རྗེའི་གསུང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལ་གཞི་བྱས།