3285

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་པོའི་མཁན་པོ
Tibetan Definition (འདུལ་བ) དགེ་ཚུལ་གྱི་མཁན་པོ། མདོ་རྩ་བ་ལས། དང་པོ་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ་ཞེས་གསུངས་པ་ལྟ་བུ། སྒྲ་བཤད་ནི། དགེ་ཚུལ་གྱི་མཁན་པོ་ནི་བསྙེན་རྫོགས་ཀྱི་མཁན་པོ་ལ་བལྟོས་ཏེ་དང་པོ་ཡིན་པའི་ཕྱིར་དང་པོའི་མཁན་པོ་ཞེས་བྱའོ། །འོ་ན་དེའི་ཚེ་མཁན་པོར་གྱུར་མ་ཟིན་པས་མཁན་པོ་ཡིན་པ་འགལ་ལོ་སྙམ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པས་སྐྱོན་མེད་དེ། མཁན་པོ་བྱེད་པར་འགྱུར་བ་ལ་མཁན་པོ་ཞེས་བརྗོད་པ་བཞིན་ནོ་ཞེས་གསུངས།