3287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་པོའི་སངས་རྒྱས
Tibetan Definition 1 ལོངས་སྐུ། སྒྲ་བཤད་ནི། དང་པོ་ནི་རྩ་བའི་དོན་ཡིན་པས་རིགས་ཐམས་ཅད་ཀྱི་སྤྲོ་བསྡུའི་རྩ་བར་གྱུར་པའི་སངས་རྒྱས་ཡིན་པས་དེ་སྐད་ཅེས་བྱ་སྟེ། མཁས་གྲུབ་ཐམས་ཅད་མཁྱེན་པའི་དུས་འཁོར་འགྲེལ་ཆེན་ལས། རིགས་ཐམས་ཅད་སྤྲོ་བ་པོ་དང་གང་དུ་སྡུད་པའི་རྩ་བར་གྱུར་པའི་སངས་རྒྱས་ཡིན་པའི་ཕྱིར། དང་པོའི་སངས་རྒྱས་ཞེས་བྱའོ། །ཞེས་གསུངས། ཡང་རྗེ་ཤེས་རབ་རྒྱ་མཚོས། འོག་མིན་དུ་དང་པོར་སངས་རྒྱས་པས་དང་པོའི་མགོན་པོ་ཞེས་ཀྱང་བཤད།