3290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དང་བ
Tibetan Definition དད་པ། དགའ་བ། དགའ་བཞིན་དུ་བྱེད་པ་ལ་དང་དུ་ལེན་ཞེས་བརྗོད་པ་ལྟ་བུ། སྒྲ་བཤད་ནི། ཆུ་དང་བྱེད་ཀྱི་ནོར་བུས་ཆུའི་རྙོག་པ་དང་བར་བྱེད་པ་ལྟར་འདིས་ཀྱང་མ་དད་པའི་རྙོག་པ་བསལ་ཏེ་ཡིད་དང་བར་བྱེད་པས་དེ་སྐད་ཅེས་བྱ། ཕུང་པོ་ལྔའི་རབ་བྱེད་ལ་གཞི་བྱས་ཏེ་བཀོད། བུ་སྟོན་ཆོས་འབྱུང་དུའུང༌། དང་བ་ནི་ཆོས་སྣང་བའི་སྒོ་སྟེ་སེམས་རྙོག་མ་ཅན་དང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས་ཀྱང༌། དང་བ་ནི་རྙོག་པ་དང་བྲལ་བའོ། །ཞེས་གསུངས། གཞུང་འདི་དག་ལ་བལྟས་ན། དང་བ་དང་དྭངས་པ། དང་བྱེད་དང་དྭངས་བྱེད་སོགས་ལ་དོགས་པ་གཅོད་དགོས་པ་མང་དུ་སྣང་ངོ༌། །